Don't wanna be here? Send us removal request.
Text

ཁོམ་པ་ཡོད་དུས་ཚང་མ་བོད་ཡིག་འབྲི་རུ་ཤོག་ཨ། བོད་ཡིག་མེད་དུས་སྟོང་སང་སང་འདྲ་རེད། ཁྱེད་ཚོ་མེད་དུས་སྐྱོ་ལྷང་ལྷང་འདྲ་རེད། བོད་སྐད་བོད་ཡིག་ཡིན་ཨ།
0 notes
Text

གང་ཚེ་བདག་དང་གཞན་གཉིས་ཀ །
བདེ་བ་འདོད་དུ་མཚུངས་པ་ལས།།
བདག་གཞན་ཁྱད་པར་ཅི་ཡོད་ན། །
གང་ཕྱིར་བདག་གི་བདེ་བ་བརྩོན།
自与他双方,
求乐既相同,
自他何差殊?
何故求独乐?
0 notes
Text





རྒྱ་ནག་གི་ཆོས་དད་དང་གཏོར་བཤིག
འཇམ་དབྱངས་དཀར་པོ།
སྤྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༦ ཉིན།
རྒྱ་ནག་བྱང་ཕྱོགས་ཀྱི་མངའ་སྡེ་ཧི་པཱེ་(Hebei: 河北) ཡི་ཧྲི་ཅ་ཀྲུང་(Shijiazhuang: 石家庄) དུ་ལོ་ཤས་གོང་མཐོ་ཚད་ལ་ཁྲུ་(མི་ཊར་) ༥༧.༩ ཅན་གྱི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་ཡོད་པ་དང་། དེ་ནི་འཛམ་གླིང་གི་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ཆེ་ཤོས་ཀྱང་ཡིན་པ་རེད།
ལོ་ལྔའི་རིང་འགྲོ་གྲོན་ཨ་སྒོར་ས་ཡ་ ༢.༢༥ བཏང་ནས་སྤྱན་རས་གཟིགས་ཀྱི་སྐུ་བརྙན་དེ་བཞེངས་གྲུབ་པ་ནས་བཟུང་། གཟའ་མཇུག་དང་དུས་ཆེན་ཁག་ལ་ས་གནས་ཀྱི་མི་མང་སྟོང་ཕྲག་ ༡༠ ལྷག་རེ་འཛོམས་ནས་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད་འདུག
སྤྱན་རས་གཟིགས་ཀྱི་སྐུ་དེ་ལེགས་གྲུབ་བྱུང་ནས་ལོ་གཉིས་ཀྱི་རྗེས་ཏེ། སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༣༠ ཉིན་མངའ་སྡེའི་གཞུང་གི་མི་སྣ་ ༢༠ དང་གྲོང་སྡེ་ལས་ཁུངས། ས་གནས་མགོ་དཔོན། ས་གནས་ཉེན་སྲུང་ལས་བྱེད་བཅས་མི་སྣ་ཕོན་ཆེན་ཞིག་ཡོང་ནས། སྐུ་བརྙན་དེ་གཏོར་རྒྱུ་ཡིན་པའི་བཙན་བཀའ་བཏང་བར་མ་ཟད། སྤྱན་རས་གཟིགས་ཀྱི་སྐུ་བརྙན་དེ་གཏོར་རྒྱུའི་ལས་དངོས་སུ་བརྩམས།
ཉིན་གཉིས་ཀྱི་རིང་སྤྱན་རས་གཟིགས་ཀྱི་སྐུ་བརྙན་གཏོར་རྒྱུར་འགད་རྫས་འཇོག་པ་སོགས་གྲ་སྒྲིག་ཟིན་པ་དང་། སྤྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢ ཉིན་གཏོར་བ་རེད།
སྤྱན་རས་གཟིགས་ཀྱི་སྐུ་བརྙན་གཏོར་དགོས་པའི་རྒྱུ་མཚན་ལ་"མི་མང་གིས་སངས་རྒྱས་ལ་མཆོད་བསྟོད་བསྙེན་བཀུར་བྱེད་པ་ལྟར། གུང་ཁྲན་ཏང་ལ་མི་བྱེད་པས། གུང་ཁྲན་ཏང་ཇི་ལྟར་དགའ་འམ་"ཞེས་ས་གནས་མི་སེར་ཞིག་གིས་བརྗོད་འདུག་ཅིང་། གྲོང་མི་གཞན་ཞིག་གིས་ཀྱང་"ཁྱོད་རང་གུང་ཁྲན་ཏང་ལ་ཡིད་ཆེས་ཡོད་པ་ལྟ་བུ་མ་བྱས་ཚེ། གུང་ཁྲན་ཏང་གིས་ཁྱོད་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་གྱི་སྤྱན་ནས་མིག་ཆུ་ལྷུང་བཅུག་གི་རེད་"ཅེས་བརྗོད་འདུག
1 note
·
View note